top of page
Search

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཚུངས་མེད་ཤར་པ་ཆོས་རྗེ་༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་དགའ་ལྡན་ཁྲི་ཐོག་ ༡༠༥ པར་ཕྱག་རྟགས་ཕེབས་པར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་རྟེན་འབྲེལ་ཞུ།

  • uschotrulmonlam
  • Nov 9, 2024
  • 1 min read


ree

༄༅། །ཉེ་ལམ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ཁྲི་པའི་ལས་དུས་རྫོགས་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་གྱིས་དགོངས་འཁྲོལ་ཡོང་བའི་སྙན་གསན་སྒྲོན་འབུལ་ཞུས་རྗེས།  སྔར་གྱི་ཕྱག་སྲོལ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་བའི་རིགས་བདག་ཤར་པ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་དགའ་ལྡན་ཁྲི་ཐོག་ ༡༠༥ པར་བསྐོ་བཞག་ཕྱག་རྟགས་བསྩལ་གནང་མཛད་དེ། སྤྱི་ལོ་ ༢༠༢༤ ཟླ་  ༡༡ ཚེས་ ༩ སྟེ་ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མཚུངས་མེད་ཆོས་རྗེ་རིན་པོ་ཆེ་མཆོག་གི་སྐུའི་བླ་གཟའི་དུས་ཚིགས་ཤིན་ཏུ་ཁྱད་པར་ཅན་དང་བསྟུན་ཕྱག་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་བྷེང་ལོར་དུ་རྟེན་གཞི་བྱས་པའི་སྨན་རྩིས་མཐོ་སློབ་ཁང་དུ་ཚོགས་གནང་ཡོད་པར་འདི་ག་ཨ་རི་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་ཁྱབ་ཁོངས་གུས་འབངས་ཡོངས་ནས་སྒོ་གསུམ་གུས་ཕྱག་དང་བཅས་རྟེན་འབྲེལ་དགའ་བས་བསུ་ཞིང་། ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ།། 


ree

His Holiness the 14th Dalai Lama has bestowed the ecclesiastical seal of appointment upon His Eminence Sharpa Choje Rinpoche Jetsun Lobsang Dorje as the 105th Gaden Tripa (Supreme Holder of the Gaden Throne).

This sacred investiture follows the completion of term by His Eminence the 104th Gaden Tripa Jetsun Lobsang Tenzin Palzangpo, who sought His Holiness's blessing and permission to conclude his tenure.

The auspicious appointment ceremony was conducted on November 9, 2024, at the Men-Tsee-Khang (Tibetan Medical and Astrological Institute) in Bangalore, coinciding with highly favorable astrological configurations.

The American Cho Trul Monlam Association humbly extends its deepest reverence and prayers for the long life and enlightened activities of His Eminence the new Gaden Tripa, for the flourishing of the Buddha Dharma and the benefit of all sentient beings.

Tashi Delek.

US Chotrul Monlam Association.


ree

ree

 
 
 

Comments


©2024 US Chotrul Monlam Association Inc.

bottom of page